རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

༸གོང་ས་མཆོག་ནས་ཕྱིར་བོད་ལ་ཕེབས་ཐུབ་པའི་སྐོར་གསུངས་བ།

hhdl_printable2_sm
༸གོང་ས་མཆོག་གིས་སྐུ་ཚེ་འདི་ག་རང་གི་ནང་ལ་བོད་ལ་ཕྱིར་ཕེབས་གནང་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

༄༅༎བོད་མིའི་དབུ་ཁྲིད་བླ་ན་མཆིས་པ་སྤྱི་ནོར་༧གོང་ས་༧སྐྱབས་ མགོན་ཆེན་པོ་མཆོག་གིས་སྐུ་ཚེ་འདི་ག་རང་གི་ནང་ལ་བོད་ལ་ཕྱིར་ཕེབས་གནང་ཐུབ་ པའི་གདེང་ཚོད་དང་ཡིད་ཆེས་ཡོད་ཅེས་དང་༸གོང་ས་མཆོག་དགོངས་པ་རྫོགས་པའི་རྗེས་ སུའང་ཡང་སྲིད་འཁྲུལ་མེད་ཡང་ནས་ཡང་དུ་འཁྲུངས་གནང་གི་རེད་ཅེས་ཐའེ་ལྦན་གྱི་ གློག་བརྙན་བཟོ་བསྐྲུན་མཁན་ལའོ་ལྦེན་ཡུའུ་ཞུ་བར་གསུངས་ཡོད་པ་རེད་ ༸གོང་ས་མཆོག་གིས་སྐབས་དེར་རྒྱ་ནག་ནང་གི་གནས་སྟངས་འགྱུར་བ་ཕྱིན་པ་དང་དུས་ མཉམ་དུ་རྒྱ་ནག་གི་འགོ་ཁྲིད་ཚོ་ཡང་སྔར་ལས་ཕྱི་གསལ་ཅན་དུ་འགྱུར་པའི་སྐབས་སུ་ ༸གོང་ས་མཆོག་བོད་དུ་ཕྱིར་ལོག་གནང་ཐུབ་ཀྱི་རེད་ཅེས་ཀྱང་གསུངས་གནང་ཡོད་པ་རེད་ ཐའེ་ལྦན་གྱི་གློག་བརྙན་བཟོ་བསྐྲུན་མཁན་ལའོ་ལྦེན་ཡུའུ་ཞུ་བས་༸གོང་ས་མཆོག་གི་ མཛད་འཕྲིན་སྐོར་ཧི་མ་ལ་ཡའི་གད་མོའམ་དགོད་སྒྲ་རྙིང་ཤོས་ཞེས་པའི་དེབ་ཅིག་ རྩོམ་བྲིས་བྱས་ཏེ་དེབ་དེ་རེས་གཟའ་པ་སངས་ཉིན་ཐའེ་ལྦན་ནང་དཔར་འགྲེམས་གནང་ཡོད་པ་རེད་ ཧི་མ་ལ་ཡའི་དགོད་སྒྲ་རྙིང་ཤོས་ཞེས་པའི་དེབ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་བཙན་བྱོལ་ནང་བཞུགས་བཞིན་པའི་སྐབས་ཀྱི་རླབས་ཆེན་གྱི་མཛད་ འཕྲིན་སྤྱི་དང་ཡང་སྒོས་བོད་མིའི་རང་དབང་དོན་དུ་སྐུ་ངལ་སྐྱོན་བཞིན་པའི་སྐོར་ གྱི་མཛད་འཕྲིན་དང་མཛད་རྣམ་མཚོན་པའི་དངོས་བཀོད་གློག་བརྙན་ཡིན་པ་རེད་ དེབ་དེ་ཟླ་བ་རྗེས་མའི་ཚེས་གསུམ་ཉིན་འགྲེམས་སྤེལ་གནང་རྒྱུ་ཡིན་པ་དང་ཕྱག་དེབ་ དེ་དབུ་འབྱེད་ཀྱི་ཚུལ་དུ་འགྲེམས་སྤེལ་གནང་རྒྱུའི་སྔོན་འགྲོའི་མཛད་སྒོར་ ༸གོང་ས་མཆོག་གིས་ཆིབས་བསྒྱུར་གནང་རོགས་གནང་ཞེས་གདན་ཞུའི་མགྲོན་བརྡ་ཡང་ཕུལ་ ཡོད་པ་རེད་ ༸གོང་ས་མཆོག་གིས་ངའི་ངོས་ནས་ཐའེ་ལྦན་དུ་ཡོང་རྒྱུར་ག་དུས་ཡིན་ནའང་གྲ་སྒྲིག་ ཡིན་ཡང་ཐའེ་ལྦན་དུ་ཡོང་ཐུབ་དང་ཐུབ་མིན་ ཐའེ་ལྦན་གཞུང་གི་རྣམ་འགྱུར་ལ་རག་ལུས་ཀྱི་ཡོད་རེད་ཅེས་བཀའ་ལན་གནང་ཡོད་པ་རེད་ བཙན་བྱོལ་གྱི་གནས་བབ་འོག་༸གོང་ས་མཆོག་ལ་སློབ་སྦྱོང་གནང་རྒྱུའི་གོ་སྐབས་བཟང་ པོ་ཐོབ་བྱུང་བས་མ་ཟད་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཆོས་ལུགས་འདྲ་མིན་གྱི་མི་ སྣ་མཇལ་འཕྲད་གནང་རྒྱུ་བྱུང་བ་དང་དེའི་བག་ཆགས་ལ་བརྟེན་ནས་འཛམ་གླིང་གི་ཆོས་ ལུགས་དང་ལྟ་གྲུབ་དེ་ཚོའི་སྐོར་མཁྱེན་རྟོགས་གནང་རྒྱུའི་ཕན་ཐོགས་ཤིན་ཏུ་བྱུང་ ཞེས་༸གོང་ས་མཆོག་གིས་ཐའེ་ལྦན་གྱི་གློག་བརྙན་བཟོ་བསྐྲུན་མཁན་དང་༸གོང་ས་མཆོག་ གི་མཛད་འཕྲིན་སྐོར་དངོས་བཀོད་གློག་བརྙན་བཟོ་མཁན་ལའོ་ལྦེན་ཡུའུ་ཞུ་བའི་འདྲི་ བ་ཁག་ལ་བཀའ་ལན་དེ་ལྟར་གནང་ཡོད་པ་རེད།

གོང་གསལ་གསར་འགྱུར་ནི་(www.rfa.org/tibetan)ནས་ཡིན།

If you are interested in colon cleanse, you may want to check out this colon cleanse information page which will have all the free information you'll need about colon cleanse.

Leave a Reply

Powered by Wordpress | Designed by Elegant Themes