རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ཉི་ཧོང་གྲོས་ཚོགས་འཐུས་མི་དྲུག་ཅུས་བོད་ནང་གི་གནས་སྟངས་ཐོག་སེམས་འཚབ་ཡོད་པའི་གྲོས་ཆོད་བཞག་པ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༥ རེས་གཟའ་ལྷག་པའི་ཉིན་ཕྱི་དྲིལ་དྲ་བརྙན་ཚན་པའི་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ གིས་བཏང་གནས་ནང་འཁོད་དོན། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཆབ་སྲིད་ཚོགས་པ་ཁག་ལྔ་ནས་ཕེབས་པའི་ཉི་ཧོང་ གྲོས་ཚོགས་འཐུས་མི་དྲུག་ཅུ་དང༌། སྐུ་ཚབ་ ༣༥ བཅས་ལ་ཉི་འོང་གྲོས་ཚོགས་ལས་ཁུངས་ཤིག་གི་ནང་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་ ཞིབ་ཕྲ་གསལ་བཤད་གནང་རྗེས་། གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཉེ་ལམ་བོད་ནང་དུ་བོད་མི་ཚོས་བསྟུད་མར་རང་ལུས་ མེར་སྲེག་བཏང་བའི་རྒྱུ་རྐྱེན་གཙོ་བོ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་ བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་རྐྱེན་གྱིས་རེད། དེར་བརྟེན་ད་ཆ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་ གྱི་སྲིད་བྱུས་དེར་བསྐྱར་ཞིབ་བྱེད་དགོས་པའི་དུས་ལ་བབ་ཡོད་པ་མ་ཟད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུས་པའི་ཐོག་ནས་འཆམ་མཐུན་གྱི་སྤྱི་ ཚོགས་ཤིག་སྐྲུན་ཐུབ་པ་བྱུང་ཚེ་ཉི་ཧོང་དང་རྒྱ་ནག་དབར་གྱི་འབྲེལ་བ་དེ་ཡང་དོན་ སྙིང་ལྡན་པ་ཞིག་ཆགས་རྒྱུར་ང་ཚོས་རེ་བ་བྱེད་ཆོག ཅེས་སོགས་དགོས་འདུན་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་ཅིག་བཞག་ཡོད།

དེ་ཡང་གྲོས་ཆོད་དེའི་ནང་འཁོད་དོན།
༡༽ང་ཚོས་བོད་ནང་ཕྱི་ལོ་ ༢༠༡༡ ཟླ་ ༣ པ་ནས་བཟུང་རང་ལུས་མེར་སྲེག་གཏོང་མཁན་མུ་མཐུད་ཡོང་བཞིན་པའི་དོན་རྐྱེན་དེར་ སེམས་འཚབ་ཆེན་པོ་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པ་དེས་ཡིན། དེར་བརྟེན་སྲིད་བྱུས་དེར་བསྐྱར་ཞིབ་ནན་པོ་ཞིག་བྱེད་དགོས་པའི་སྐུལ་མ་ཞུ་ རྒྱུ་ཡིན། བོད་མིའི་གཞི་རྩའི་རང་དབང་དང༌། དགོན་སྡེ་ཁག་གི་ནང་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་པ། དེ་བཞིན་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སོགས་ཀྱི་སྲིད་བྱུས་ལ་བསྐྱར་ ཞིབ་བྱ་རྒྱུ། (more…)

Powered by Wordpress | Designed by Elegant Themes