རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

རྒྱའི་ཟུར་མཆན་ལ་འགྲེལ་པ།

རྒྱའི་ཟུར་མཆན་ལ་འགྲེལ་པ།
རྩོམ་པ་པོ། ནོར་བུ་དོན་ལྡན།

༄། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༠ ཉིན་ ‘ཀྲུང་གོའི་བོད་ལྗོངས་དྲ་བ་’ ཞེས་པའི་ནང་། ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཡོངས་ཁྱབ་གསུམ་བཅུའི་གསུང་འཕྲིན་ནས་ཚིག་དུམ་བཅད་དེ་འདོད་ཕྱོགས་དགོས་མཁོར་གཞིགས་པའི་གོ་བ་ལོག་སྒྲུབ་ཀྱིས་ལོག་འགྲེལ་བརྒྱབ་འདུག་པར་སྦྲུལ་མདུད་བཤིག་འདོད་བྱུང་།

དེའི་ནང་། “ཀྲུང་གོ་དང་བོད་ལྗོངས་ཀྱི་སྲིད་བྱུས་ལ་ངན་འདོགས་དང་། རྒྱལ་ཁབ་ཕྱི་ནང་གི་བོད་མིར་ངན་སྐུལ་བྱས་ནས་ཀྲུང་གོ་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པར་འབོད་བསྐུལ་” ཟེར་བའི་ཐད་གསུང་འཕྲིན་དགོངས་དོན་ལ། ས་ཡི་གོ་ལ་འདི་དེའི་སྟེང་དུ་གནས་པའི་མང་ཚོགས་ལ་དབང་བ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱང་། དེའི་ཡུལ་གྱི་བདག་པོ་ངོ་མ་དུང་ཕྱུར་བཅུ་གསུམ་ལ་དབང་བ་ཡིན་པས། ཡུལ་གྱི་བདག་པོ་མང་ཚོགས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། འཛིན་སྐྱོང་བཅས་ཀྱི་ལས་དོན་གསལ་པོ་ཤེས་ན། ལྐོག་ཟ་རུལ་སུངས་དང་ཉེ་དགའ་ཕྱོགས་ལྷུང་གི་བྱ་ངན་འགོག་ཐུབ་པ་དང་། ཐོབ་ཐང་དེ་བཀག་འགོག་བྱེད་པ་ནི་འགྲོ་བ་མིའི་སྤྱོད་ཚུལ་དང་འགལ་བ་ཡིན་པའི་ཁར། རྒྱ་ནག་དམར་ཤོག་ཚོགས་པས་རང་ཉིད་ཀྱི་ལྟ་གྲུབ་ལངས་ཕྱོགས་དང་། ལས་རིམ་བཅས་པ་ཡང་དག་པར་ངོས་འཛིན་བྱེད་ཀྱི་ཡོད་ཚེ། ཡང་དག་པའི་སྲིད་བྱུས་དེ་སྦས་གསང་མ་བྱེད་པར་རྒྱ་ཆེའི་མང་ཚོགས་ཀྱིས་ཤེས་སུ་འཇུག་དགོས། ཁོང་ཚོར་ཡང་སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས། ཞེས་གསུང་པ་ནི་རྒྱུ་མཚན་ལྡན་པ་རླབས་ཆེན་གྱི་བཀའ་སློབ་སྙིང་བཅུད་ལྡན་པ་ཞིག་ཡིན། ཡང་དག་པའི་སྲིད་བྱུས་དེ་སྤོབས་པའི་སྒོ་ནས་སྦས་བསྐུམས་མ་བྱས་པར་ཕྱི་གསལ་ནང་གསལ་བཟོས་ན། སྲིད་གཞུང་གི་གཟི་བརྗིད་མི་འགྱུར་རམ། སྦས་དྲགས་ན་ནམ་ཞིག་རུལ་དྲི་ཁྱབ་ཚེ་འགྱོད་ཀྱང་ཕྱིས་པ་ཡིན་པས། ཆབ་སྲིད་ཀྱི་ལམ་སྲོལ་ཡང་རང་དབང་གུ་ཡངས་ཀྱི་བཅོས་བསྒྱུར་དགོས་ལུགས་ཕེབས་པ་ཤ་ཚའི་ལམ་སྟོན་མ་ཡིན་ནམ། (more…)

ཐབས་ཟད་ཀྱི་བྱ་སྤྱོད།

ཐབས་ཟད་ཀྱི་བྱ་སྤྱོད།
རྩོམ་པ་པོ། ནོར་བུ་དོན་ལྡན།

༄། འདི་ལོ་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༨-༡༧ བར་རྒྱ་གཞུང་གིས་དབྱིན་ཡིག་དྲ་རྒྱའི་ནང་། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཀྲང་ཅིང་ལི་ཟེར་བས། ཏཱ་ལའི་བླ་མ་ནི་སྤྱང་ཀི་གྲྭ་ཆས་གྱོན་མཁན་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པ་དང་། ཏཱ་ལའི་བླ་མས་ཆོས་ཀྱི་མིང་ཐོག་ནས་ཉམ་ཆུང་རྗེས་འཇུག་པ་རྣམས་ལ་མགོ་སྐོར་གཏོང་གི་ཡོད་ལུགས། ནུབ་ཕྱོགས་པའི་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཏཱ་ལའི་བླ་མས་བོད་ནང་བརྒྱུད་བསྐུལ་གྱིས་རྐྱེན་པས་ཕྱི་ལོ་ ༢༠༠༨ ལ་བོད་ནང་ཟིང་རྒོལ་བྱུང་ཚུལ། བོད་རང་སྐྱོང་ལྗོངས་ཟེར་བའི་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་བྱམས་པ་ཕུན་ཚོགས་ཟེར་བས། ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་འགན་དབང་བཞེས་ཀྱི་མིན་ཟེར་བ་ནི་འཛམ་གླིང་གི་མི་མང་ལ་སླར་ཡང་མགོ་སྐོར་གཏོང་བའི་ཐབས་ཤེས་གསར་པ་ཞིག་ཡིན་པ་དང་། ཏཱ་ལའི་བླ་མ་འཚོ་བཞུགས་གནང་དང་གནང་མིན་གྱིས་བོད་ལ་ཕན་གནོད་འགྱུར་ལྡོག་གི་ཁྱད་པར་གང་ཡང་མེད་ལུགས། ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་རྡོ་རྗེ་ཚེ་སྒྲུབ་ཟེར་བས། ལྷ་སའི་ནང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་འགྲོ་བཞིན་པ་དང་། བོད་མི་རྣམས་བདེ་སྐྱིད་ལྡན་པའི་ངང་འཚོ་གནས་ཡོད་པ། ཏཱ་ལའི་བླ་མས་དངོས་ཡོད་གནས་སྟངས་ལས་ཕྱིན་ཅི་ལོག་པའི་ཞལ་རྫུན་གནང་གི་ཡོད་ལུགས་སོགས་བྲེལ་ཚབས་ཆེན་པོས་གཅིག་མཇུག་གཉིས་མཐུད་ཀྱི་སྐྱོན་འཛུགས་མཚན་སྨད་སྔར་བས་ཆེས་ཆེར་བྱེད་འགོ་ཚུགས་ཡོད་པ་རེད། (more…)

Next Entries »

Powered by Wordpress | Designed by Elegant Themes