རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

དངོས་ཐོག་བདེན་འཚོལ། (༨)

དངོས་ཐོག་བདེན་འཚོལ། (༨)
རྩོམ་པ་པོ། ནོར་བུ་དོན་ལྡན།

༄། མུ་མཐུད་རྩོམ་བྲིས་དེ་དག་ནང་ “ལོ་ན་ ༡༨ ལ་སོན་པའི་ཀྲུང་གོའི་སྤྱི་དམངས་ཤིག་ཡིན་ཕྱིན་མི་རིགས་དང་། རིགས་རྒྱུད། ཕོ་མོ། ལས་རིགས། སྐྱེ་ཁུངས། ཆོས་ལུགས་དད་མོས། སློབ་གསོའི་ཆུ་ཚད། གཞིས་ཆགས་ཡུན་སོགས་གང་ལ་ཡང་མ་ལྟོས་པར་ཚང་མར་འདེམས་བྱེད་དང་གདམས་བྱའི་དབང་ཆ་ཡོད་པའི་གཏན་འབེསས་བྱས་ཡོད།” ཅེས་གསལ་སྐོར།

རྒྱ་ནག་ལ་སྲིད་འཛིན་དང་སྲིད་བློན། རྒྱལ་ཡོངས་མི་མང་འཐུས་མི། ཆབ་སྲིད་གྲོས་ཚོགས་སོགས་ཡོད་པ་རེད། ཚང་མ་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་འཛུགས་ཀྱི་འོག་གནས་དགོས་པ་ལས། དེའི་ཕྱི་ནས་ཐག་གཅོད་བྱས་པའི་དབང་ཆ་སུ་ལའང་མེད། འོས་གཞི་ལ་ཕོ་མོ་རྒན་གཞོན་སུ་དང་སུ་ཡོད་པ་དེ་དག་ཚང་མ་དམར་ཤོག་ཚོགས་པས་ནང་དོན་འདེམས་སྒྲུག་བྱས་པའི་མི་སྣ་ཤ་སྟག་རེད། དེ་དག་ལ་མོས་མཐུན་ཡོད་དང་མེད་ཅེས་འདྲི་རྩད་སྐབས་སོ་སོའི་འདོད་མོས་ཀྱི་རང་དབང་ཡོད་མེད་བཤད་ས་དང་། ལག་པ་མ་བརྐྱང་པར་བསྡད་པའི་རང་དབང་མེད། དེ་འདྲའི་རྒྱུ་མཚན་གྱི་ཆ་ནས་རྒྱ་ནག་དམངས་ཁྲོད་དུ། མི་དམངས་འཐུས་མི་ལག་པ་བཀྱག་མཁན་རེད། ཆབ་སྲིད་གྲོས་ཚོགས་ལག་པ་རྡེབ་མཁན་རེད་ཅེས་འཕྱ་སྨོད་བྱེད་ཀྱི་ཡོད། ཕྱོགས་གཞན་ནས་བཤད་ན། ང་ཚོས་སྲིད་བློན་འདེམས་པ་ཡིན། འཐུས་མི་རྣམ་པར་མོས་མཐུན་ཡོད་དམ་ཟེར་དུས། མི་དམངས་འཐུས་མི་ཚོས་མོས་མཐུན་ཡོད་ཅེས་ལག་པ་བཀྱགས་པ་དང་། ཆབ་སྲིད་གྲོས་ཚོགས་ཀྱིས་དེ་ཡག་པོ་བྱུང་སོང་ཟེར་ནས་ལག་པ་རྡེབ་ཀྱི་ཡོད་པ་རེད། དོན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཅི་གསུང་བཀའ་སྒྲུབ་དང་། ཅི་མཛད་ལེགས་མཐོང་བྱེད་དགོས་ཀྱི་ཡོད་པ་རེད། གལ་ཏེ་དེ་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་འདྲ་ཡིན་ཚེ། རང་གིས་རང་ལ་འོ་རྒྱལ་ཆེན་པོ་བཟོས་པ་རེད། དེ་འདྲ་སོང་ཙང་རྒྱ་ནག་ནང་གདམས་བྱ་འདེམས་བྱེད་ཀྱི་རང་དབང་ཟེར་བ་དེ་འདྲ་ཞིག་ལ་གོ་དགོས། (more…)

དངོས་ཐོག་བདེན་འཚོལ། (༧)

དངོས་ཐོག་བདེན་འཚོལ།  (༧)

རྩོམ་པ་པོ། ནོར་བུ་དོན་ལྡན།

༄། ཡང་རྩོམ་བྲིས་དེ་གའི་ནང་ “མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ་ ༥ ལས་མ་ཟིན་པའི་སེར་སྐྱ་ཞིང་བྲན་བདག་པོས་མི་འབོར་གྲངས་ཀྱི་བརྒྱ་ཆ་ ༩༥ ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་གི་མི་ལུས་རང་དབང་ཐོན་སྐྱེད་རྒྱུ་ཆས་ཕལ་ཆེ་བ་བདག་གིར་བཟུང་ཞིང་། རིམ་པ་ཤིན་ཏུ་ནན་པའི་ (ཞལ་ལྕེ་བཅུ་དྲུག་) དང་།  ལག་པ་འབྲེག་པ་དང་།  རྐང་པ་བཏུབ་པ།  མིག་རིལ་འདོན་པ།  རྣ་བ་གཅོད་པ།   རྟིང་རྕ་གཅོད་པ།  ལྕེ་འབྲེག་པ།  ཆུར་བསྐྱུར་བ།  གཡང་དུ་བསྐྱུར་བ་སོགས་གདུག་རྕུབ་ཤིན་ཏུ་ཆེ་བའི་ཉེས་ཆད་གཅོད་པ་…” སོགས་འཁོད་པའི་ཐད།

སྔར་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྲིམས་འགལ་བ་རྣམས་ལ་ཉེས་ཆད་བཏང་སྲོལ་འདྲ་མིན་སྣ་ཚོགས་བྱུང་བ་ཡོངས་གྲགས་རེད།  ཡུལ་གྲུ་རེ་ཟུང་ལ་ཉེས་ཆད་བཏང་སྲོལ་ངན་པ་དར་བ་ལས།  གཞན་རྣམས་ལ་མ་དར་བ་གཏན་ནས་མིན།  བོད་དུ་བྱུང་བའི་ཉེས་ཆད་བཏང་སྲོལ་མང་ཆེ་བ་རྒྱ་ནག་ནང་གི་བྱེད་སྟངས་ནས་ཤུགས་རྐྱེན་ཐེབས་ཡོད།  དཔེར་ན།  མཇིང་པར་གཡོགས་བྱེད་རྒྱ་སྒོ་ལྟ་བུར་མཚོན་ན་རྒྱ་ནག་ནས་དར་བ་རེད།  མིང་བཏགས་སྟངས་རང་ནས་རྒྱ་ནག་ནས་དར་བའི་ཉེས་སྒོ་ལ་ “རྒྱ་སྒོ་”  ཞེས་བཏགས་པ་རེད།  དེ་མིན་དེང་སང་རྒྱ་ནག་རང་དང་།  ཧོང་ཀོང་ནས་བཟོས་པའི་སྔར་གྱི་ལོ་རྒྱུས་གློག་བརྙན་ཁག་ལ་བརྟག་ཅིང་དཔྱད་ན།  སྐབས་དེ་དུས་རྒྱ་ནག་ཏུ་ཉེས་ཆད་བཏང་སྲོལ་དེ་འདྲ་ཤིན་ཏུ་དར་སྲོལ་ཆེན་པོ་ཡོད་པ་ཧ་ཅང་གསལ་པོ་ཡིན།  དུས་དེང་སང་དུས་རབས་ཉི་ཤུ་རྕ་གཅིག་གི་ནང་དུའང་།  འཛམ་གླིང་གི་ས་ཐོག་འདིར་སྲོག་ཐོག་ཉེས་ཆད་བཏང་མཁན་གྱི་མཐོ་ཚད་ཨང་རིམ་དང་པོ་དེ་རྒྱ་ནག་ཡིན།  དཔེར་ན།  འཛམ་གླིང་ནག་ཉེས་གུ་ཡངས་ཚོགས་པའི་སྙན་ཐོ་ལྟར་ན།  ཕྱི་ལོ་ ༢༠༠༧ ལོར་མི་གྲངས་ ༡༨༦༠ དང་ ༢༠༠༨ ལོར་མི་གྲངས་ ༡༧༡༨ ཕྱི་ལོ་ ༢༠༠༩ ལོར་མི་གྲངས་ ༡༧༠༠ སྐོར་སྲོག་ཐོག་ཏུ་ཉེས་ཆད་བཏང་ཡོད།  མགོ་རུལ་སྣ་བས་མ་ཚོར་བར་ད་དུང་གཞན་ལ་འཕྱ་ལད་བརྒྱབ་པ་ཡ་མཚན་རེད། (more…)

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བོད་མིའི་གནས་སྟངས་སྐོར་བལ་ཡུལ་སྲིད་བློན་དང་བཀའ་མོལ་གནང་བ།

ཨ་རི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་བལ་ཡུལ་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པས་བོད་མི་ཁག་གཅིག་མཇལ་བཞིན་པ།

ཨ་རི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་བལ་ཡུལ་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པས་བོད་མི་ཁག་གཅིག་མཇལ་བཞིན་པ།

ཨ་མེ་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་མ་རི་ཡ་ཨོ་ཊེ་རོ་མཆོག་ནས་ཟླ་༢ཚེས་༡༣དང་༡༤ཉིན་བལ་ཡུལ་དུ་ཕེབས་སྐབས་བལ་ཡུལ་སྲིད་བློན་ཇ་ལ་ནཐ་ཁ་ཎལ་དང་དེར་ཡོད་པའི་བོད་མིའི་འགན་འཛིན་འགའ་ཞིག་མཉམ་བོད་མིའི་གནས་སྟངས་ཐོག་བཀའ་མོལ་གནང་བཞིན།

ལྕམ་ཨོ་ཊེ་རོ་ནས་ཚེས་༡༣ཉིན་རྒྱལ་ས་ཀ་ཐ་མན་ཊུར་ཡོད་པའི་བོད་མིའི་སྣེ་ལེན་ཁང་དུ་གཟིགས་སྐོར་གནང་བ་དང་དེ་རྗེས་ས་གནས་བོད་མིའི་འགོ་ཁྲིད་ལྷན་བཀའ་མོལ་གནང་། ཁོང་ལྷན་བལ་ཡུལ་དུ་བཅའ་ཞུགས་ཨ་མེ་རི་ཀའི་གཞུང་ཚབ་ཡང་ཕེབས་ཡོད། ཁོང་ནས་བོད་མི་རྣམས་ལ་ཨ་མེ་རི་ཀས་བོད་དོན་ལ་རྒྱབ་སྐྱོར་དང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་རྒྱབ་སྐྱོར་གནང་གི་ཡིན་པ་དང་། བལ་ཡུལ་དུ་ཡོད་པའི་བོད་མིའི་གནས་སྟངས་ཐོག་ཨ་མེ་རི་ཀས་མུ་མཐུད་ནས་ཐུགས་ཞིབ་གནང་རྒྱུ་ཡིན་པ་གསུངས་འདུག སྣེ་ལེན་ཁང་དུ་ཡོད་པའི་བོད་ནས་ཉེ་ཆར་ཕེབས་པ་ཚོས་སྐུ་མགྲོན་རྣམས་ལ་བོད་ནང་གི་གནས་སྟངས་དང་ཁོང་ཚོ་བོད་ནས་ཕྱིར་ཡོང་དགོས་དོན་སྐོར་ཞུས་འདུག

བལ་ཡུལ་སྲིད་བློན། འདྲ་པར་བལ་ཡུལ་སྲིད་བློན་ལས་ཁུངས་ཀྱི་དྲ་ཚིགས་ནས།

བལ་ཡུལ་སྲིད་བློན། འདྲ་པར་བལ་ཡུལ་སྲིད་བློན་ལས་ཁུངས་ཀྱི་དྲ་ཚིགས་ནས།

ཚེས་༡༤ཉིན་ལྕམ་ཨོ་ཊེ་རོ་ནས་བལ་ཡུལ་སྲིད་བློན་དང་མཇལ་སྐབས་ལུང་པ་དེར་གནས་པའི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་སྐོར་བཀའ་མོལ་གནང་འདུག ལྕམ་ཨོ་ཊེ་རོ་ནས་གསར་འགོད་པར་སྐྱབས་བཅོལ་བའི་གནད་དོན་དེ་ནི་ང་ཚོས་གལ་ཆེན་པོ་ཡིན་པ་གཟིགས་ཀྱི་ཡོད་པ་དེ་སྲིད་བློན་ལ་འགྲེལ་བརྗོད་བྱས་ཡིན་གསུངས་འདུག བལ་ཡུལ་སྲིད་བློན་ནས་དེའི་ལན་དུ་ང་ཚོས་གནད་དོན་དེར་ང་ཚོའི་་ཉེ་འགྲམ་ཁྱིམ་ཚེས་རྒྱ་ནག་དང་རྒྱ་གར་གཉིས་ཀྱི་ཐུགས་ཚབ་ལ་དགོངས་པ་བཞེས་ནས་གཟིགས་ཞིབ་གནང་རྒྱུ་ཡིན་གསུངས་ཡོད་པ་སྲིད་བློན་གྱི་ཕྱི་སྲིད་སློབ་སྟོན་པ་མིལ་ལན་ཏུ་ལ་ཌར་ནས་གསར་འགོད་པར་གསུངས་འདུག

« Previous Entries

Powered by Wordpress | Designed by Elegant Themes