རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།
Currently Browsing: ༧གོང་ས་མཆོག

ཕ་རན་སི་དང་འཇར་མ་ནི་མང་ཚོགས་ཀྱིས་བོད་ཐོག་རྒྱབ་སྐྱོར་ཆེན་པོ་ཡོད་པའི་བསམ་ཚུལ།

༅། །རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡུ་རོབ་གྱི་རྒྱལ་ཁབ་འགའ་ཞིག་ལ་གཞུང་འབྲེལ་སྐོར་བསྐྱོད་བྱེད་སྐབས་དང་བསྟུན་ཕ་རན་སི་དང་འཇར་མ་ནི་མང་ཚོགས་ཀྱིས་བོད་དང་རྒྱ་ནག་ཐོག་དགོངས་ཚུལ་གྱི་བསམ་ཚུལ་བསྡུ་ལེན་ལས་འགུལ་ཞིག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་གནང་ཡོད།
ཕ་རན་སི་མང་ཚོགས་བརྒྱ་ཆ་ ༩༠ དང་འཇར་མ་ནི་མང་ཚོགས་བརྒྱ་ཆ་ ༩༢ ནས་བོད་རྒྱའི་གནད་དོན་སེལ་ཆེད་ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཇལ་འཕྲད་གནང་དགོས་པའི་རེ་འདུན་བཏོན་ཡོད། ཕྱོགས་མཚུངས་འོས་བསྡུའི་བསམ་འཆར་ནང་ཐེངས་འདིར་ཡུལ་གྲུ་གཉིས་པོའི་དབུ་ཁྲིད་རྣམ་གཉིས་ཀྱིས་རྒྱ་ནག་སྲིད་འཛིན་དང་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ཀྱི་གནད་དོན་སྐོར་གླེང་དགོས་པའི་བསམ་འཆར་བཏོན་ཡོད།
བསམ་ཚུལ་བསྡུ་ལེན་ལས་འཆར་དེ་སྤེལ་གནང་མཁན་ནི་ཕ་རན་སིའི་French Institute of Public Opinion (IFOP) ལོ་ཚོགས་པ་ཡིན་ཞིང་། དེས་ ༢༠༡༤ ཟླ་ ༣ ཚེས་ ༡༠ ནས་ ༡༤ བསམ་ཚུལ་བསྡུ་ལེན་བྱེད་ཡོད

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་མེ་ཊི་ཡོ་མེ་ཁ་ཅི་ Matteo Mecacci མཆོག་གིས་གསུང་དོན། ཕ་རན་སི་དང་འཇར་མ་ནི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་སྐབས་བསམ་འཆར་བརྒྱ་ཆ་ཧ་ཅང་ཚད་མཐོ་པོའི་ཐོག་ནས་རྒྱ་ནག་ནང་ཚོང་འབྲེལ་ལས་འགྲོ་བ་མིའི་ཐོབ་ཐང་གནད་དོན་དེ་གལ་ཆེ་འཛིན་དགོས་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་གསལ་སྟོན་བྱས་ཡོད་པ་མ་ཟད། ཡུལ་གཉིས་ཀྱི་དབུ་ཁྲིད་ནས་ཏཱ་ལའི་བླ་མ་མཆོག་གཞུང་འབྲེལ་ཐོག་གདན་འདྲེན་ཞུ་དགོས་པའི་རེ་འདུན་ཡང་བཏོན་ཡོད། གཤམ་དུ་བསམ་ཚུལ་བསྡུ་ལེན་སྐབས་དྲི་བ་དང་ལན་ཕྱོཊ་བསྡུས་བྱེད་པ་རྣམས་བཀོད་ཡོད། དབྱིན་ཡིག་ཐོག་གཟིཊ་ན་འདིར་ཡོད།

ཕ་རན་སི་དང་འཇར་མ་ནི་གཙོ་འཛིན་ནས་སྲིད་འཛིན་ཞི་ཅིན་ཕིང་ལ་གཤམ་གྱི་གནད་དོན་གླེང་དགོས་སམ།

Slide 4

ཕ་རན་སི་དང་འཇར་མ་ནི་གཙོ་འཛིན་ནས་སྲིད་འཛིན་ཞི་ཅིན་ཕིང་ལ་གཤམ་གྱི་གནད་དོན་གླེང་དགོས་སམ།

slide-5

རྒྱ་ནག་གི་འགོ་ཁྲིད་ཚོའི་ཐོག་གཟིཊ་ཚུལ་ཡག་ཉེས་གང་ཡོད་དམ།

slide-6

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡག་ཉེས་གང་འདྲ་གཟིགས་སམ།

slide-8

ཏཱ་ལའི་བླ་མ་མཆོག་ཐོག་ཁྱེད་ཀྱི་གཟིཊ་ཚུལ་ཡག་ཉེས་གང་ཡོད་དམ།

 

slide-9x

 

ཕ་རན་སི་དང་འཇར་མ་ནི་གཉིས་ཀྱི་དབུ་ཁྲིད་ནས་ཏཱ་ལའི་བླ་མ་མཆོག་གཞུང་འབྲེལ་ཐོག་གདན་འདྲེན་ཞུ་དགོས་སམ།

 

slide-10

 

ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཇལ་འཕྲད་གནང་དགོས་སམ།

slide-11x

 

༸གོང་ས་མཆོག་གིས་བོད་མིའི་གྲོས་ཚོགས་ཚོགས་ཁང་གསར་པ་དབུ་འབྱེད་སྐབས་བཀའ་སློབ་སྩལ་བ།

 

4༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ གྲོས་ཚོགས་ཚོགས་ཁང་གསར་པ་དབུ་འབྱེད་དང་སྤྱི་འཐུས་ལྷན་ཚོགས་སུ་བཀའ་སློབ་སྩལ་ དོན། ད་ལན་ངོས་ནས་འདིར་བླང་དོར་གྱི་བཀའ་སློབ་གང་ཡང་བརྗོད་རྒྱུ་མེད། བར་སྐབས་ནས་ངོས་ཀྱི་ལས་འགན་ཡོངས་རྫོགས་རྩིས་སྤྲོད་ཞུས་ཟིན་པ་ཡིན་སྟབས། བཀའ་སློབ་ཅེས་པ་གནང་མི་དགོས་པར། ང་ཚོ་གྲོགས་པོ་གྲོགས་མཆེད་ལྟ་བུ་ཞིག་ཡིན་ལ། བཞུགས་མོལ་ཚོགས་འདུ་ཚོགས་པ་ལྟར་བྱས་ཏེ་དེ་རིང་འདིར་སྤྱི་འཐུས་ཚོགས་གཙོ་ ཚོགས་གཞོན་དང། སྤྱི་འཐུས་རྣམ་པ། དེ་བཞིན་སྲིད་སྐྱོང་དང་བཀའ་བློན་རྣམ་པ་བཅས་ལ་ཞུ་རྒྱུར། དེ་སྔ་ངོས་རང་གྲོས་ཚོགས་ལ་ཡོང་སྐབས་ཆབ་སྲིད་ཀྱི་འགན་འཁུར་འཁྱེར་བཞིན་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ངོས་ཀྱི་ཆབ་སྲིད་ཀྱིས་ལས་འགན་ཆ་ཚང་སྲིད་སྐྱོང་ལ་རྩིས་འབུལ་ཞུས་ ནས་ངོས་རང་རྒན་ཡོལ་ཆ་ཚང་ཞུས་པར་བརྟེན་དེ་རིང་འདིར་དམིགས་བསལ་ཞུ་རྒྱུ་གང་ཡང་ མེད། འདི་ནི་ང་ཚོའི་བཙན་བྱོལ་གྲོས་ཚོགས་ཤིག་ཆགས་ཡོད། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་ཐོག་མར་མ་སུ་རིར་ཡོད་པའི་སྐབས་ནས་ང་ཚོའི་འགྲོ་ སྟངས་རྣམས་མང་གཙོའི་ལམ་སྲོལ་དང་མཐུན་པར་འགྲོ་རྒྱུའི་འབད་བརྩོན་བྱས་པ་རེད། དེ་རྗེས་རིམ་བཞིན་སྤྱི་འཐུས་བསྐོ་གཞག་བྱེད་རྒྱུ་སོགས་ལག་བསྟར་བྱུང་ཡོད། མཐའ་མའི་མཐར་ཐུག་དེར་ང་ཚོའི་ཆབ་སྲིད་ཀྱི་འགོ་ཁྲིད་འོས་བསྡུའི་ཐོག་ནས་ཕེབས་ པ་དེས་འགན་ཆ་ཚང་བཞེས་པར་བརྟེན། ངོས་རང་མི་གཅིག་གི་མི་ཚེར་བསྟུན་མི་དགོས་པ་ཞིག་ཆགས་ཡོད། (more…)

༸གོང་ས་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་རྣམས་ལ་མཇལ་ཁ་སྩལ་བ།

 

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་ པའི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཧེན་རི་མ་ ལོ་སི་ Henri Malosse མཆོག་གིས་དབུ་འཁྲིད་པའི་སྐུ་ཚབ་འཐུས་མི་དྲུག་ལ་གཟིམ་ཆུང་དུ་མཇལ་ཁ་སྩལ། སྐབས་དེར་༸གོང་ས་མཆོག་གིས་ཁོང་རྣམ་པར་བཀའ་སློབ་སྩལ་དོན། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་གཞུང་དང་ གྲོས་མོལ་གྱི་ལམ་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ ལྡན་ཞིག་རག་ཐབས་བྱེད་བཞིན་ཡོད་པ་ལས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་ མེད། རྒྱ་ནག་དང་མཉམ་གནས་བྱས་ཚེ་བོད་མིའི་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་ཁེ་ཕན་ ཡོད། དེར་བརྟེན་བོད་མིའི་དཔལ་འབྱོར་འཛུགས་སྐྲུན་དང་བདེ་འཇགས་ཀྱི་གནད་དོན་ཐོག་ རྒྱ་ནག་དབུས་གཞུང་གིས་སྟངས་འཛིན་བྱ་རྒྱུ་ལས་གཞན་བོད་མིའི་ཤེས་ཡོན་དང་ཁོར་ ཡུག ཆོས་དད་བཅས་ཀྱི་གནད་དོན་ཐོག་བོད་པ་རང་ཉིད་ཀྱིས་འགན་འཁུར་བྱེད་ཐུབ་པ་བྱ་ རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད། ལྐོག་ཟ་རུལ་སུངས་ལ་གདོང་ལེན་བྱེད་དགོས་པ་དང་མགོན་པོ་གང་ཉིད་མཆོག་གིས་ལྐོག་ ཟའི་དཀའ་ངལ་དེ་འཚེ་བའི་བྱ་སྤྱོད་ཙམ་མ་ཟད། འགྲོ་བ་མིའི་སྤྱི་ཚོགས་ཕུང་མཁན་གྱི་སྐྲན་ནད་ལྟ་བུར་ངོས་འཛིན་མཛད་བཞིན་ཡོད་ པར་བརྟེན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ President Xi Jinping གིས་རྒྱ་ནག་ནང་དུ་ལྐོག་ཟའི་དཀའ་ངལ་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དེར་ རྒྱབ་སྐྱོར་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ། དེ་ནས་༸གོང་ས་མཆོག་གིས་སྐབས་དེར་མཇལ་བཅར་བ་ཡུ་རོབ་སྤྱི་མཐུན་ཚོགས་པའི་དཔལ་ འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཧེན་རི་མ་ལོ་སི་ མཆོག་ལ་རིང་མིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་སྦར་སེལ་དུ་གཞུང་འབྲེལ་ འཚམས་གཟིགས་སྐབས་ཁོང་དང་མཇལ་ནས་བོད་ཀྱི་གནད་དོན་སེལ་ཆེད་ཞི་བའི་བརྡ་ལན་ཞིག་ གནང་དགོས་པ་བཀོད་མངགས་མཛད་སྐབས་སྐུ་ཞབས་ཧེན་རི་མ་ལོ་སི་མཆོག་གིས་སྐབས་དེར། ཁོང་རང་ཉིད་ཀྱི་ལངས་ཕྱོགས་ནི་ཡུ་རོབ་སྤྱི་མཐུན་ཚོགས་པས་གཞི་རྩའི་རིན་ཐང་ འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་ཀྱི་གནད་དོན་ཐོག་རྒྱ་ནག་དང་ ནམ་ཡང་འགྲིག་འཇགས་བྱ་རྒྱུ་མེད་སྐོར་སྙན་སྒྲོན་ཞུས། དེ་ཡང་མཇལ་བཅར་སྐབས་སྐུ་ཞབས་ཧེན་རི་མཆོག་དང་ལྷན་མ་དི་ཤར་མ་ལགས། Madi Sharma ཐོ་མ་སི་ཇ་སི་ཀི་ལགས། Tomasz  Jasiński ཨན་ནི་མ་རི་ཡ་སིག་མུན་ལགས། AnneMarie  Sigmund ཝིན་སེན་མི་ཊན་ལགས་ Vincent  Metten བཅས་ཡོད།།

གནས་ཚུལ་འབྱུང་ཁུངས། དབུས་བོད་མིའི་དྲ་ཚིཊ།

 

 

« Previous Entries

Powered by Wordpress | Designed by Elegant Themes