རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ཕ་རན་སི་དང་འཇར་མ་ནི་མང་ཚོགས་ཀྱིས་བོད་ཐོག་རྒྱབ་སྐྱོར་ཆེན་པོ་ཡོད་པའི་བསམ་ཚུལ།

༅། །རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡུ་རོབ་གྱི་རྒྱལ་ཁབ་འགའ་ཞིག་ལ་གཞུང་འབྲེལ་སྐོར་བསྐྱོད་བྱེད་སྐབས་དང་བསྟུན་ཕ་རན་སི་དང་འཇར་མ་ནི་མང་ཚོགས་ཀྱིས་བོད་དང་རྒྱ་ནག་ཐོག་དགོངས་ཚུལ་གྱི་བསམ་ཚུལ་བསྡུ་ལེན་ལས་འགུལ་ཞིག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་གནང་ཡོད།
ཕ་རན་སི་མང་ཚོགས་བརྒྱ་ཆ་ ༩༠ དང་འཇར་མ་ནི་མང་ཚོགས་བརྒྱ་ཆ་ ༩༢ ནས་བོད་རྒྱའི་གནད་དོན་སེལ་ཆེད་ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཇལ་འཕྲད་གནང་དགོས་པའི་རེ་འདུན་བཏོན་ཡོད། ཕྱོགས་མཚུངས་འོས་བསྡུའི་བསམ་འཆར་ནང་ཐེངས་འདིར་ཡུལ་གྲུ་གཉིས་པོའི་དབུ་ཁྲིད་རྣམ་གཉིས་ཀྱིས་རྒྱ་ནག་སྲིད་འཛིན་དང་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ཀྱི་གནད་དོན་སྐོར་གླེང་དགོས་པའི་བསམ་འཆར་བཏོན་ཡོད།
བསམ་ཚུལ་བསྡུ་ལེན་ལས་འཆར་དེ་སྤེལ་གནང་མཁན་ནི་ཕ་རན་སིའི་French Institute of Public Opinion (IFOP) ལོ་ཚོགས་པ་ཡིན་ཞིང་། དེས་ ༢༠༡༤ ཟླ་ ༣ ཚེས་ ༡༠ ནས་ ༡༤ བསམ་ཚུལ་བསྡུ་ལེན་བྱེད་ཡོད

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་མེ་ཊི་ཡོ་མེ་ཁ་ཅི་ Matteo Mecacci མཆོག་གིས་གསུང་དོན། ཕ་རན་སི་དང་འཇར་མ་ནི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་སྐབས་བསམ་འཆར་བརྒྱ་ཆ་ཧ་ཅང་ཚད་མཐོ་པོའི་ཐོག་ནས་རྒྱ་ནག་ནང་ཚོང་འབྲེལ་ལས་འགྲོ་བ་མིའི་ཐོབ་ཐང་གནད་དོན་དེ་གལ་ཆེ་འཛིན་དགོས་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་གསལ་སྟོན་བྱས་ཡོད་པ་མ་ཟད། ཡུལ་གཉིས་ཀྱི་དབུ་ཁྲིད་ནས་ཏཱ་ལའི་བླ་མ་མཆོག་གཞུང་འབྲེལ་ཐོག་གདན་འདྲེན་ཞུ་དགོས་པའི་རེ་འདུན་ཡང་བཏོན་ཡོད། གཤམ་དུ་བསམ་ཚུལ་བསྡུ་ལེན་སྐབས་དྲི་བ་དང་ལན་ཕྱོཊ་བསྡུས་བྱེད་པ་རྣམས་བཀོད་ཡོད། དབྱིན་ཡིག་ཐོག་གཟིཊ་ན་འདིར་ཡོད།

ཕ་རན་སི་དང་འཇར་མ་ནི་གཙོ་འཛིན་ནས་སྲིད་འཛིན་ཞི་ཅིན་ཕིང་ལ་གཤམ་གྱི་གནད་དོན་གླེང་དགོས་སམ།

Slide 4

ཕ་རན་སི་དང་འཇར་མ་ནི་གཙོ་འཛིན་ནས་སྲིད་འཛིན་ཞི་ཅིན་ཕིང་ལ་གཤམ་གྱི་གནད་དོན་གླེང་དགོས་སམ།

slide-5

རྒྱ་ནག་གི་འགོ་ཁྲིད་ཚོའི་ཐོག་གཟིཊ་ཚུལ་ཡག་ཉེས་གང་ཡོད་དམ།

slide-6

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡག་ཉེས་གང་འདྲ་གཟིགས་སམ།

slide-8

ཏཱ་ལའི་བླ་མ་མཆོག་ཐོག་ཁྱེད་ཀྱི་གཟིཊ་ཚུལ་ཡག་ཉེས་གང་ཡོད་དམ།

 

slide-9x

 

ཕ་རན་སི་དང་འཇར་མ་ནི་གཉིས་ཀྱི་དབུ་ཁྲིད་ནས་ཏཱ་ལའི་བླ་མ་མཆོག་གཞུང་འབྲེལ་ཐོག་གདན་འདྲེན་ཞུ་དགོས་སམ།

 

slide-10

 

ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཇལ་འཕྲད་གནང་དགོས་སམ།

slide-11x

 

ཨ་རིའི་སྲིད་འཛིན་གྱི་ལྕམ་མི་ཤལ་ཨོ་བྷ་མ་རྒྱ་ནག་ནང་ཕེབས་པའི་སྐོར།

ལྕམ་མི་ཤལ་ཨོ་བྷ་མ་ཁྲིན་ཏུར་བོད་ཀྱི་ཟ་ཁང་ཞིག་ལ་ཕེབས་སྐབས། www.whitehouse.gov

ལྕམ་མི་ཤལ་ཨོ་བྷ་མ་ཁྲིན་ཏུར་བོད་ཀྱི་ཟ་ཁང་ཞིག་ལ་ཕེབས་སྐབས། www.whitehouse.gov

ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ལྕམ་མི་ཤལ་ཨོ་བྷ་མ་རྒྱ་ནག་ནང་ཟླ་༣ཚེས་༢༠ནས་༢༦ བར་ཕེབས་སྐབས་བོད་མིར་སྐད་གཉིས་སློབ་སྦྱོང་བྱེད་རྒྱུའི་གནས་སྟངས་ཐོག་ཐུཊ་སྣང་གནང་རྒྱུའི་འབོད་སྐུལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞུ་གནང་ཡོད

སི་ཁྲོན་ཁྲིན་ཏུའུ་གཙོས་གྲོང་ཁྱེར་ཁག་ཅིག་ནང་ཕྲུག་གུའི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཐད་རྟོག་ཞིབ་གནང་འཆར་ཡོད་སྟབས། ལྕམ་ཨོ་བྷ་མར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་མེ་ཊི་ཡོ་མེ་ཁ་ཆི་ཡིས་ཕུལ་བའི་གནས་བྲིས་ནང་། ལྕམ་མཆོག་གིས་རྒྱ་ནག་ནང་ཤེས་ཡོན་སློབ་གསོའི་ཐད་དམིགས་བསལ་ཐུགས་འཁུར་གནང་རྒྱུ་ཡིན་གསུངས་པར་ཐུགས་རྗེ་ཆེ་ཞུ་བ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་སྐད་ཡིག་གཉིས་སྦྱོད་མཁན་ལ་འཕྲད་པའི་དཀའ་ངལ་ཐད་ཐུགས་སྣང་གནང་དགོས་པ་དང་། ལྷག་པར་སི་ཁྲོན་ཞིང་ཆེན་ནང་བོད་མི་གང་ཙམ་གནས་སྡོད་བྱེད་ཀྱི་ཡོད་པས་བོད་པའི་སློབ་ཕྲུག་ཚོར་རང་མི་རིགས་ཀྱི་སྐད་ཡིག་དང་རྒྱ་ཡིག་གཉིས་ཀ་སྦྱོང་རྒྱུའི་ཐོབ་ཐང་ཡོད་མེད། མི་རིགས་རང་གི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་མཐུན་རྐྱེན་ཡོད་མེད་ཐད་རྟོག་ཞིབ་ནན་པོ་གནང་རྒྱུའི་འབོད་སྐུལ་ཞུས།
ལྕམ་ཨོ་བྷ་མ་ནས་ཚེས་༢༦ཉིན་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུ་གྲོང་ཁྱེར་དུ་གཟིགས་སྐོར་སྐབས་དེར་ཡོད་བོད་རང་སྐྱོང་ལྗོངས་ཀྱི་མགྲོན་ཁང་ཞིག་ནང་བོད་ཟས་ཀྱང་བཞེས་གནང་ཡོད། དེ་སྐོར་ཕོ་བྲང་དཀར་པོའི་དྲ་ཚིཊ་ཐོག་ཁོང་ནས་ཟིན་བྲིས་ཞིག་ཀྱང་བཀོད་གནང་འདུག

རྒྱ་ནག་ནང་པེ་ཅིང་དང་ཁྲིན་ཏུར་སློབ་ཕྲུག་ཚོར་གསུངས་བཤད་གནང་སྐབས་ལྕམ་ཨོ་བྷ་མས་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། མི་རིགས་ཀྱི་རིག་གཞུང་གལ་ཆེ་ཡིན་སྐོར་གསུངས་གནང་བ་དེར་རྒྱ་ནག་ནང་ཐུགས་སྣང་ཆེན་པོ་བྱུང་འདུག

དོལ་རྒྱལ་དང་འབྲེལ་བའི་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་བཞག་པའི་གྲོས་ཆོད།

སྔོན་གླེང་།

 

༄༅།  །རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་གིས་དབུས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་རིས་ མེད་བསྟན་འཛིན་གྱི་སྐྱེས་མཆོག་དུ་མས་བོད་ཀྱི་ཆབ་སྲིད་དང་། སྐྱེ་འགྲོའི་བདེ་སྐྱིེད་ལ་གནོད་གཞི་ཆེ་བའི་དོལ་རྒྱལ་བསྟེན་གསོལ་ལ་དམ་ བསྒྲགས་མཛད་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཀྱང་བརྟག་དཔྱད་ཞིབ་འཇུག་ཟབ་ནན་མཐིལ་ཕྱིན་མཛད་རྗེས་བོད་བསྟན་སྲིད་ཀྱི་བདེ་དོན་ལ་གཅིག་ཏུ་དགོངས་ནས་དམ་སྲི་དོལ་རྒྱལ་བསྟེན་གསོལ་མི་རུང་བའི་བཀའ་སློབ་གསལ་རྗེན་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པར་བརྟེན་བོད་མི་ཆེས་ཉུང་ཤས་ལས་དེ་མིན་ཚང་མས་བླང་དོར་ཞུ་སྒོ་འཛོལ་མེད་ཞུ་བཞིན་ཡོད་པ་དང་། ད་དུང་དོལ་རྒྱལ་བསྟེན་གསོལ་ལ་རྨོངས་ཞེན་ཧ་ཅང་ཆེ་བའི་སྐྱེ་བོ་རྣམས་ཀྱང་བླང་ དོར་མི་འཕྱུག་པ་འབྱུང་ཐབས་སོགས་ཀྱི་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༦ དང་། ༡༩༩༧ ཟླ་ ༩ ཚེས་ ༡༧  ཡང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༥ བཅས་སོ་སོར་གཞུང་འབྲེལ་གྲོས་ཆོད་ཁག་སྤྱི་མོས་ཀྱིས་གཏན་འབེབས་ཡོད་པའི་འབྲུ་དོན་བཞིན་གདན་ས་ཁག་གིས་གཙོས་བོད་མི་སེར་སྐྱ་ཕལ་མོ་ཆེས་སྤང་བླང་ཚུལ་བཞིན་ ཞུས་དང་ཞུ་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་འོས་ཀྱི་གནས་སུ་ཡོད་ཅིང་།

 

ཡང་བླང་དོར་གྱི་གནས་ལ་རྨོངས་ཤིང་བོད་བསྟན་སྲིད་དང་། ༸རྒྱལ་བའི་སྐུ་ཕྱྭ་དང་བཅས་པར་བསམ་ཞིབ་དོ་སྣང་མེད་ཁར།  རྒྱ་ནག་གཞུང་གིས་སྲིད་དོན་གྱི་ལག་ཆར་དངུལ་དངོས་ཀྱིས་མགོ་སྐོར་བསླུ་བྲིད་ འོག་ཚུད་པ་ཉུང་ཤས་ཀྱིས་རང་ཉིད་མ་ཟད།  མི་རིགས་གཞན་ལའང་བརྒྱུད་སྐུལ་བཅས་ཀྱི་ ལམ་ནས་ཕྱི་ནང་གང་སར་གོ་སྐབས་འདྲ་མིན་བཟུང་སྟེ་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་དང་། ཉེ་བའི་སྔོན་དུའང་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་བསྟན་འགྲོའི་དོན་དུ་ཨ་རིར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་ཨ་རིའི་གྲོང་ཁྱེར་སན་ཕ་རན་སི་སི་ཀོ་རུ་ནང་ཆོས་ཀྱི་གནས་ལུགས་ཇི་བཞིན་མི་རྟོགས་པའི་མི་སྣ་ཉུང་ཤས་བེད་སྤྱོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨོད་ཞུ་བའི་བྱ་སྤྱོད་འདི་རིགས་ལ་གཞིས་བྱེས་བོད་མི་ཡོངས་དང་། དྲང་བདེན་དང་རྣམ་དཔྱོད་ལྡན་པའི་འཛམ་གླིང་མི་མང་ཀུན་གྱིས་ངོས་འཛིན་གསལ་པོའི་ཐོག་ནས་གྲོས་ཆོད་སྔ་མ་རྣམས་མཇུག་གནོན་དང་འབྲེལ་གྲོས་ཆོད་བསྐྱར་སྣོན་ཞིག་ འཇོག་རྒྱུ་དུས་ཀྱི་དགོས་མཁོ་གལ་ཆེར་མཐོང་། (more…)

« Previous Entries

Powered by Wordpress | Designed by Elegant Themes